Long life prayer for Khenpo Kalsang

ཨོཾ་སྭསྟི། །སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །ཁྱད་པར་ཚེ་དབང་རིག་འཛིན་གྲུབ་རྣམས་ཀྱི། །ཐུགས་རྗེ་བསྐུལ་ལོ་བདག་སོགས་འགྲོ་བ་ཡི། །ལམ་སྟོན་བཤེས་གཉེན་དམ་པའི་སྐུ་ཚེ་སྲིངས། །བྱམས་པའི་ཆུ་བར་སྙིང་རྗེའི་སྡོང་པོ་རྒྱས། །སྨོན་འཇུག་སེམས་ཀྱི་ཡལ་འདབ་རྒྱས་པའི་སྟེང་། །བསྡུ་བ་རྣམ་བཞིའི་འབྲས་བུ་གཡུར་ཟ་བའི། །རྒྱལ་སྲས་དཔག་བསམ་ལྗོན་པའི་སྐུ་ཚེ་སྲིངས། །བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས། །ཕྱག་འཚལ་སྨྲེ་ངག་དུང་བས་གསོལ་བཏབ་མཐུས། །བླ་མ་ལྷ་དང་སྲུང་མས་བྱིན་མཐུ་ཡིས། །འགྲོ་མགོན་སྐལ་པ་རྒྱ་མཚོར་བརྟན་པར་ཤོག། །།བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཤིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་བྲལ་བ་མེད་པར་བྱིན་གྱིས་རློབས། །སྐྱེས་བ་ཀུན་ཏུ་ཡང་དག་བླ་མ་དང་། །བྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག ། Composed by Drukpa Rinpoche Ngawang Khenrab
Back to Top